ཁྲི་རལ་པ་ཅན།
༥༠༽ ལྕགས་བྱི་(ཕྱི་ལོ་༨༢༠)ལོར། བོད་དམག་གིས་ཅིན་ཀྲའུ་ལ་ཕར་རྒོལ་བྱས་པར་ཐང་གི་དཔུང་དམག་རྒྱ་ཆེན་བསྣན་པས། བོད་དམག་རྣམས་སླར་ཡང་ཕྱིར་འཐེན་བྱེད་དགོས་བྱུང༌།
༥༡༽ བཙན་པོ་ཁྲི་གཙུག་ལྡེ་བཙནདང་ཆོས་བློན་ཆེན་པོ་རྣམས་ནི་རྒྱལ་ཁམས་ཚང་མ་ཕན་ཚུན་དམག་འཁྲུག་མེད་ཅིང་རྒྱལ་སྲིད་ཆོས་བཞིན་སྐྱོང་འདུན་ཆེ་བས། སྐབས་དེའི་རྒྱ་བོད་དབར་གྱི་དམག་འཁྲུག་ལ་ཐུགས་ཁྲལ་ཆེན་པོ་གནང༌།
༥༢༽ ལྕགས་གླང་(ཕྱི་ལོ་༨༢༡)ལོར་རྒྱ་དང་ཧོར་དབར་ཞི་མཐུན་གྱི་ཆིངས་ཡིག་གསར་འཇོག་བྱས་ཚུལ་ཐོས་ཏེ། བོད་ཀྱི་རྒྱལ་བློན་ཚོས་ཀྱང་དེ་ལུགས་ལེགས་ཚུལ་གྱི་བཀའ་གྲོས་གནང་ནས་བློན་པོ་ན་ལོད་སོགས་ཕོ་ཉར་བཏང༌།
༥༣༽ འོན་ཀྱང་གཡུལ་སའི་བློན་པོ་དང་དམག་དཔོན་ཚོ་ཕམ་ཁ་འཁུར་བཞིན་ཕར་ལ་འདུམ་བྱེད་པར་ངོ་ཚ་ནས། ཐོག་མར་ཆིན་སའེ་པའོ་ལ་དམག་དཔུང་དྲངས་ཏེ་རྒྱལ་ཁ་ཆེན་པོ་བླངས།
༥༤༽ དེ་ནས་བློན་ཞང་ཁྲི་ཐོག་ཀྱང་ན་ལོད་ལྷན་དུ་གོང་མ་གསར་པ་ཐང་མུའུ་ཙུང་སར་བཅར་ནས་མནའ་སྐྱེལ་ཞུ་འདུམ་གྱི་བཀའ་ཡིག་ཕུལ། དེར་རྒྱ་ནག་གོང་མའང་ཐུགས་མཉེས་ཏེ་ལིག་ཡོན་ཏཱིན་བོད་ལ་ཕོ་ཉར་བཏང༌།